ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས།

བོད་ཡིག་བྱ་དགའི་རྩ་འཛིན་སྒྲིག་གཞི།

བོད་ཡིག་བྱ་དགའི་རྩ་འཛིན་བསྐྱར་བཅོས་གཤམ་གསལ།
༄༅། །ཕྱི་ལོ་ ༢༠༠༡    ནས་བཟུང་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གི་གནས་ཚད་ཡར་རྒྱས་དང་གོང་འཕེལ་མཇུག་སྣོན་སླད་བོད་ཡིག་བྱ་དགའ་གནང་གཏན་འཁེལ་ཞིང༌། ལོ་རེའི་ཡིག་རྒྱུགས་ནང་འཛིན་རིམ་༼༦།༧།༨༩།༡༡༽ བཅས་ཀྱི་སློབ་མ་རྩེ་ཕུད་བརྒྱ་ཆ་ ༦༠ ཡན་ལོན་པ་དང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་རྩེ་ཕུད་སློབ་མ་རེར་བྱ་དགའ་གནང་མུས་ཡིན། དེང་སྐབས་གཞི་རིམ་སློབ་གྲྭའི་ནང་རྒྱུགས་སྤྲོད་བྱེད་སྟངས་དེ་ཨང་སྡེའི་ལམ་ལུགས་(Grading System)སུ་སྒྱུར་བ་དང༌། ཨང་སྡེ་གཅིག་པའི་སློབ་ཕྲུག་མང་པོ་འབྱུང་གི་ཡོད་པས། སློབ་མ་རྩེ་ཕུད་འདེམས་སྒྲུག་ཐད་དཀའ་ངལ་གསར་པ་འཕྲད་བཞིན་ཡོད་པར་བརྟེན། སྔར་གྱི་བོད་ཡིག་བྱ་དགའི་རྩ་འཛིན་ལ་བསྐྱར་བཅོས་སླད། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༤ ཉིན་རྒྱབ་ཤེས་རིག་སྲོལ་རྒྱུན་ཚན་པའི་ལས་བྱེད་རྣམས་ཚོགས་འདུ་ཞིག་འདུས་བསྐོངས་ཀྱིས་རྩ་འཛིན་རྙིང་པར་བསྐྱར་བཅོས་གནང་བ་གཤམ་གསལ།

ཀ རྩ་འཛིན་རྙིང་པ།
བོད་ཡིག་བྱ་དགའ་དེ་བཞིན་སློབ་གྲྭ་སོ་སོའི་ལོ་འཁོར་ཡིག་རྒྱུགས་ནང་འཛིན་རིམ་ ༦ ནས་ ༡༡ བར་བརྒྱ་ཆ་ ༦༠ ཡན་ལོན་པའི་སློབ་མ་རྩེ་ཕུད་རེར་བྱ་དགའ་སྒོར་ ༣༠༠ རེ་དང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་ཚན་ཕྱོགས་བསྡོམས་ཀྱིས་བརྒྱ་ཆ་མཐོ་ཤོས་ཐོབ་མཁན་རེར་སྒོར་ ༥༠༠ དང་ལག་འཁྱེར་བཅས་གནང་རྒྱུ་དེ་ཡིན།

བསྐྱར་བཅོས།
ཕྱི་ལོ་ ༢༠༡༢ ནས་བཟུང་བོད་ཡིག་བྱ་དགའ་དེ་བཞིན་སློབ་གྲྭ་སོ་སོའི་འཛིན་རིམ་ ༦།༧།༨།༩།༡༠།༡༡ བཅས་ཀྱི་སློབ་མ་རྩེ་ཕུད་རེར་བོད་ཡིག་ཁོ་ནའི་རྒྱུགས་འབྲས་གཞི་འཛིན་གྱིས་བོད་ཡིག་བྱ་དགའ་སྒོར་ ༥༠༠ རེ་དང་ལག་འཁྱེར་བཅས་གནང་རྒྱུ།

༡། རྩ་འཛིན་གསར་སྣོན།
སློབ་གྲྭ་སོ་སོའི་ནང༌། གཞི་རིམ་གོང་མ། འོག་མ། བར་མ་བཅས་སོ་སོའི་བོད་དགེ་ཐུན་མོང་གི་ཚོགས་ཆུང་མི་འདྲ་བ་བཟོ་དགོས། གལ་ཏེ་ཚོགས་ཆུང་ནང་བོད་དགེ་གཅིག་ལས་མེད་ཚེ། སློབ་གྲྭའི་སློབ་སྤྱི་དང་རེག་ཊར། དགེ་ཆེ་བཅས་ལས་གང་རུང་གཅིག་དང་གོ་བསྡུར་གྱིས་འདེམས་སྒྲུག་གནང་རྒྱུ།

༢། རྩ་འཛིན་གསར་སྣོན།
འདེམས་སྒྲུག་སྐབས་རྒྱུགས་འབྲས་བརྒྱ་ཆའམ་ཨང་སྡེ་གཙོ་བོ་འཛིན་རྒྱུ། གལ་ཏེ་འཛིན་རིམ་གཅིག་ནང་ཨང་སྡེའམ་བརྒྱ་ཆ་གཅིག་མཚུངས་ཅན་གཅིག་ལས་མང་བ་འབྱུང་ཚེ། ཚོགས་ཆུང་སོ་སོས་གོ་བསྡུར་དང་བགྲོ་གླེང་གི་ལམ་ནས་རྩེ་ཕུད་མི་འགྲོ་ཐག་གཅོད་བྱ་རྒྱུ།
བཅས་ཀྱི་ནང་དོན་བསྐྱར་ཞིབ་དང་གསར་སྣོན་བྱ་རྒྱུར་མོས་མཐུན་བྱུང་སོང་བ་ལགས་ན། ཤེས་རིག་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་ཡོང་བ་ཞུ། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༡ ལ།

ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས།

ཕྱི་ལོ་༢༠༡༡ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཕྱི་ལོ་༢༠༡༡ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཕྱི་ལོ་༢༠༡༢ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཕྱི་ལོ་༢༠༡༣ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཕྱི་ལོ་༢༠༡༤ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཕྱི་ལོ་༢༠༡༥ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཕྱི་ལོ་༢༠༡༦ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

 

(17686)